查看原文
其他

སྐྱབས་རྗེ་ཨོ་རྒྱན་གར་དབང་ཉི་མ་མཆོག་གི་བཀའ་སློབ་གལ་ཆེན་བཞུགས།

宁玛巴 2021-05-31







གསུང་བཤད་ཞལ་བྱང་།

རྒྱལ་བསྟན་རིས་མེད་ཀྱི་བཀའ་སློབ།༽

གསུང་བཤད་གནང་མཁན།

དཔལ་ཡུལ་ལྷ་སྤྲུལ་སྐྱབས་རྗེཨོ་རྒྱན་གར་དབང་ཉི་མ་རིན་པོ་ཆེ་མཆོག།

   

      

དེ་ཡང་བོད་རབ་བྱུང་བཅུ་བདུན་པའི་འཕར་བ་ལྕགས་གླང་ལོའི་དུས་ཆེན་སུམ་འཛོམས་ཀྱི་ས་ག་ཟླ་བའི་གཅིག་ནས་ཚེས་བཅོ་བརྒྱད་བར་དཔལ་ཡུལ་དར་ཐང་མདོ་སྔགས་བཤད་སྒྲུབ་ཆོས་འཁོར་དར་རྒྱས་གླིང་ནས་དཔལ་ཡུལ་ལྷ་སྤྲུལ་སྐྱབས་རྗེ་ཨོ་རྒྱན་གར་དབང་ཉི་མ་རིན་པོ་ཆེ་མཆོག་གིས་སྔ་འགྱུར་བཀའ་མའི་སྨིན་བྱེད་དབང་བསྐུར་གྱི་རིམ་པ་ཡོངས་རྫོགས་ཐུགས་བརྩེ་ཆེན་པོས་ཡོངས་སུ་གནང་གྲུབ་མཚམས་སུ་རྒྱལ་བསྟན་རིས་མེད་ཀྱི་བཀའ་སློབ་གནང་བའི་སྒྲ་ཟིན་བཞུགས་སོ།།

ཐུབ་པའི་དྲུང་དུ་ཉེ་གནས་ཀུན་དགའ་བོ།།


尊师释迦近侍阿难陀

གུ་རུའི་དུས་སུ་བཻ་རོ་ཙ་ན་སྟེ།། 


莲师时译师贝诺杂那མདོ་སྨད་མཚམས་སུ་ཕྱག་རྡོར་སྤྲུལ་བར་སྣང་།།
安多下游金刚手化身ཨོ་རྒྱན་གར་དབང་ཉི་མར་གསོལ་བ་འདེབས།།
祈祷邬金尕昂尼玛尊




    ༈ ཨོཾ་སྭ་སྟི། འཆི་མེད་མནྡྷ་ར་དང་མཚོ་རྒྱལ་མ། །དྲང་སྲོང་ཚེ་ལ་དབང་བའི་ལྷ་ཚོགས་ཀྱིས། །དེང་འདིར་མི་ཤེས་རྒུད་པ་ཀུན་བཅོམ་ནས། །འཕོ་མེད་རྟག་པ་དམ་པའི་ཚེ་དབང་སྩོལ། །ཐུབ་པའི་བསྟན་ལ་པདྨ་གར་དབང་པོའི། །ཐུགས་རྗེ་ཉིན་མོར་བྱེད་གཟིས་སྐྱེས་མཆོག་གང༌། །བཤད་སྒྲུབ་ཕྲིན་ལས་པདྨའི་འདབ་སྟོང་བཞད། ། དཔལ་ལྡན་བཟང་པོའི་ཡོན་ཏན་རྨད་བྱུང་གིས། །བསྟན་པའི་མེ་རོ་རྨང་ནས་བསླང་བ་དང༌། །ས་གསུམ་སྐྱེ་དགུའི་རེ་བ་ཡོངས་བསྐང་ཤོག །

  ཅེས་དཔལ་ཡུལ་༧ལྷ་སྤྲུལ་རིན་པོ་ཆེའི་ཞབས་བརྟན་ཚིག་བཅད་ས་བཅུའི་གྲངས་ལྡན་འདི་ལྟར་བྱ་བྲལ་བུདྡྷས་བྲིས་པ་དོན་ལྡན་དུ་གྱུར་ཅིག།




   ༈ ཨོཾ་སྭ་སྟི། འཆི་མེད་བདུད་རྩིས་གཏམས་པའི་ཀ་ལཱ་ཤ། ། ཕྱག་གཉིས་མཉམ་བཞག་མཐིལ་དུ་སྙོམས་ཞུགས་པའི། །བྱིན་རླབས་མཛོད་འཛིན་ཚེ་དཔག་མེད་མགོན་གྱིས། །ཚེ་མཐའ་ཡས་པའི་དངོས་གྲུབ་མཆོག་སྩོལ་ཅིག །ཐུབ་བསྟན་གླིང་བཞིའི་སྲིད་ལ་དབང་བསྒྱུར་ཅིང༌། །རྣམ་དཀར་ཕྲིན་ལས་ཟློས་གར༷་རྩེན་ལ་དབ༷ང༌། །སྲིད་ཞིའི་གདོང་སེལ་བསྟན་པའི་ཉི༷་མ༷་ཆེ། །སྐྱེ་དགུའི་འདྲེན་མཆོག་དམ་པར་གསོལ་བ་འདེབས། །ཕན་བདེའི་འབྱུང་གནས་བསྟན་པ་རྒྱས་སླད་དང༌། །འགྲོ་བའི་བདེ་སྐྱིད་རྫོགས་ལྡན་ལ་དགོད་ཕྱིར། །མགོན་ཁྱོད་ཞབས་པད་བསྐལ་པ་རྒྱ་མཚོའི་བར།། རྟག་བརྟན་ཕྲིན་ལས་སྣང་བས་ས་ཁྱབ་ཤོག།

 ཅེས་པ་འདི་ནི་མདོ་སྨད་མཁས་པའི་དབང་པོ་ཚེ་ཏན་ཞབས་དྲུང་གིས་གསུངས་པའོ། 




འཕྲིན་སྟེགས་འདི་རུ་སྔ་འགྱུར་གྱི་མཁས་གྲུབ་སྐྱེས་ཆེན་དག་གི་གསུང་དང་།  སྔ་འགྱུར་ཞབས་ཞུ་ཚན་ཆུང་གི་ལས་རིམ།དེ་བཞིན་ཚན་ཆུང་གིས་ཆེད་ཞུས་མཁས་དབང་གང་མང་གི་གསུང་བཤད་སོགས་ཆེད་སྤེལ་བྱེད་བཞིན་ཡོད་པས་གསན་གཟིགས་གནང་བར་དགའ་བསུ་ཞུ།

    您可能也对以下帖子感兴趣

    文章有问题?点此查看未经处理的缓存