查看原文
其他

ངེས་ཤེས་རིན་པོ་ཆེའི་སྒྲོན་མེ། ཆ་ཚང་། 1-28 མཁན་མུ་ར་ཀུན་བཟང་།

次旺 两大教言平台 2022-12-09



ལུགས་གཉིས་བསླབ་བྱའི་འཕྲིན་སྟེགས།







༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཛྙཱ་ན་གུ་ཎ་ཕ་ལ་ནཱ་མསྟུ་ཏིཿ། བོད་སྐད་དུ། དཔལ་ཡེ་ཤེས་ཡོན་ཏན་བཟང་པོ་ཞེས་བྱ་བའི་བསྟོད་པ། བཅོམ་ལྡན་འདས་ འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ།།གང་གི་བློ་གྲོས་སྒྲིབ་གཉིས་སྤྲིན་བྲལ་ཉི་ལྟར་རྣམ་དག་རབ་གསལ་བ།  ཇི་སྙེད་དོན་ཀུན་ཇི་བཞིན་གཟིགས་ཕྱིར་ཉིད་ཀྱི་ཐུགས་ཀར་གླེགས་བམ་འཛིན། །གང་དག་སྲིད་པའི་བཙོན་རར་མ་རིག་མུན་འཐོམས་སྡུག་བསྔལ་གྱིས་གཟིར་བའི། །འགྲོ་ཚོགས་ཀུན་ལ་བུ་གཅིག་ལྟར་བརྩེ་ཡན་ལག་དྲུག་ཅུའི་དབྱངས་ལྡན་གསུང་། །འབྲུག་ལྟར་ཆེར་སྒྲོགས་ཉོན་མོངས་གཉིད་སློང་ལས་ཀྱི་ལྕགས་སྒྲོག་འགྲོལ་མཛད་ཅིང་། །མ་རིག་མུན་སེལ་སྡུག་བསྔལ་མྱུ་གུ་ཇི་སྙེད་གཅོད་མཛད་རལ་གྲི་བསྣམས། །གདོད་ནས་དག་ཅིང་ས་བཅུའི་མཐར་སོན་ཡོན་ཏན་ལུས་རྫོགས་རྒྱལ་སྲས་སྐུ། །བཅུ་ཕྲག་བཅུ་དང་བཅུ་གཉིས་རྒྱན་སྤྲས་བདག་བློའི་མུན་སེལ་ཁྱོད་ལ་འདུད། །གང་ཞིག་ལྷག་པའི་བསམ་པ་རྣམ་པར་དག་པས་གཅིག་དང་བདུན་དང་། ཉི་ཤུ་རྩ་གཅིག་དང་། བརྒྱ་དང་།སྟོང་ལ་སོགས་པ་དག་ཉིན་རེ་བཞིན་དུ་སྒྲོགས་པ་དེ་ནི་གོ་རིམས་ཇི་ལྟ་བ་བཞིན་དུ། སྒྲིབ་པ་འདག་པ་དང་། ཐོས་པ་འཛིན་པ་དང་། སྤོབས་པ་དང་། མི་བརྗེད་པའི་གཟུངས་དང་། ཕྱིར་རྒོལ་བ་ཐམས་ཅད་འཇོམས་པའི་ཤེས་རབ་ཀྱི་དབང་པོ་དང་སྟོབས་ལ་སོགས་པ་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པར་འགྱུར་རོ། །གང་ཞིག་ཉིན་རེ་བཞིན་དུ་ལན་གསུམ་དུ་བསྟོད་པ་བྱེད་པ་དེ་ནི་ཇི་སྐད་བཤད་པའི་ཡོན་ཏན་དེ་དག་དང་ལྡན་པས་ཤེས་རབ་དང་སྙིང་རྗེ་ལམ་དང་ས་རྣམས་རིམ་གྱིས་བགྲོད་དེ། གོང་ནས་གོང་དུ་ཆེས་ཆེར་འཕགས་ནས་མྱུར་དུ་རྣམ་པ་ཐམས་ཅད་མཁྱེན་པའི་གྲོང་ཁྱེར་དུ་ཕྱིན་ནས་འགྲོ་བ་མ་ལུས་པ་འཁོར་བ་ལས་སྒྲོལ་བའི་དེད་དཔོན་ཆེན་པོར་འགྱུར་རོ། །དཔལ་ཡེ་ཤེས་ཡོན་ཏན་བཟང་པོ་ཞེས་བྱ་བའི་བསྟོད་པ། སློབ་དཔོན་རྡོ་རྗེ་མཚོན་ཆས་མཛད་པ་རྫོགས་སོ།།




 ཁྲིད་བྱ། ངེས་ཤེས་རིན་པོ་ཆེའི་སྒྲོན་མེ་བཞུགས་སོ།།


 མཛད་པ་པོ།  འཇམ་མགོན་མི་ཕམ་རྣམ་རྒྱལ་རྒྱ་མཚོ།


 དཔེ་ཁྲིད་གནང་མཁན།   མཁན་པོ་མུ་ར་ཀུན་བཟང་། 


 དཔེ་ཁྲིད་བྱ་ཡུལ། ཀཿཐོག་བཅུ་ཕྲག་རིག་པའི་སློབ་གླིང་།



འཆད་ཁྲིད་པ།  མཁན་མུ་ར་ཀུན་བཟང་། 

ངེས་ཤེས་སྒྲོན་མེའི་སྒྲ་གསར། 1-6མཁན་མུ་ར་ཀུན་བཟང་། 


                        

ངེས་ཤེས་སྒྲོན་མེའི་སྒྲ་གསར། 7-12མཁན་མུ་ར་ཀུན་བཟང་། 



ངེས་ཤེས་སྒྲོན་མེའི་སྒྲ་གསར། 13-18 མཁན་མུ་ར་ཀུན་བཟང་།



ངེས་ཤེས་སྒྲོན་མེའི་སྒྲ་གསར། 19-24 མཁན་མུ་ར་ཀུན་བཟང་།



ངེས་ཤེས་སྒྲོན་མེའི་སྒྲ་གསར། 25-28 མཁན་མུ་ར་ཀུན་བཟང་།


  


ཀུན་བཟང་གི་འཆད་ཁྲིད་གསར་པ།དཔྱད་སྒོམ་འཁོར་ལོ་མའི་སྒྲ་ཆ་ཚང་།1-5

རྣམ་པ་ཚང་མ་སྐུ་ཁམས་བཟང་།


 ལུགས་གཉིས་བསླབ་བྱའི་འཕྲིན་སྟེགས་སུ་ཕེབས་པར་དགའ་བསུ་ཞུ། 


 འདི་ནས་མུ་མཐུད་དེ་བདེ་ཐང་གི་འཕྲོད་བསྟེན་དང་ནང་ཆོས་ཀྱི་རྒྱུན་ཤེས།དགེ་བའི་བཤེས་གཉེན་དམ་པའི་གསུངས་ཆོས་དང་། 



སྔོན་བྱོན་དམ་པ་རྣམས་ཀྱི་གསུངས་དབྱངས།ཞལ་འདོན་སྐོར། གཞན་ཡང་མི་ཚེའི་ནང་གི་བསླབ་བྱ་དང་། བརྙན་ཐུང་། གླུ་གཞས། གསར་འགྱུར་སོགས་རྒྱུད་སྤེལ་བྱེད་བཞིན་ཡོད་པས།སྐུ་ཉིད་ཀྱི་ཐུགས་ཡིད་དང་མཐུན་པའི་སྨོན་འདུན་ཞུ།

གལ་སྲིད་སྤྱི་སྟེགས་འདིར་མི་སྒེར་དང་སྤྱི། ཚོགས་པ་སོགས་གང་རུང་གི་ཁེ་དབང་སོགས་ལ་གནོད་པའི་ནང་དོན་དང་།  གླུ་གཞས་སོགས་ཡོད་ཚེ། འཕྲིན་སྟེགས་འོག་གི་རྒྱ་ཡིག་写留言འདི་གནོན་མཆན་བྲིས་ནས་མྱུར་དུ་འབྲེལ་གཏུག་བྱོས་དང་། སྤྱི་སྟེགས་དྲྭ་ལམ་ནས་བསུབ་ངེས་ཅན་ཡིན། མཇུག་མཐར་སྤྱི་སྟེགས་འདི་ཡི་ཐོག་ནས་གསན་གཟིགས་གནང་མཁན་གྱི་གྲོགས་ཕོ་མོ་ཡོངས་ཐུགས་ཡིད་ཚིམས་པ་དང་། བྱ་བ་ལམ་འགྲོ། བསམ་དོན་ལྷུན་འགྲུབ། ཁ་ལས་རླུང་རྟ་དར། ཅི་བསམ་ཆོས་བཞིན་འགྲུབ་པའི་སྨོན་འདུན་ཡང་ཡང་ཞུ། 


ལུགས་གཉིས་བསླབ་བྱའི་གླིང་གི་འཕྲིན་སྟེགས་འདིར།།

ལུགས་གཉིས་མཐུན་པའི་བསླབ་བྱ་གང་མང་ཡོད།།

ལུགས་གཉིས་བསླབ་བྱས་མ་རིག་མུན་པ་སེལ།།

ལུགས་གཉིས་བསླབ་བྱས་བདེ་བའི་ལམ་དུ་འདྲེན།།



您可能也对以下帖子感兴趣

文章有问题?点此查看未经处理的缓存