查看原文
其他

རྫ་རྒྱལ་མཚམས་སྤྲུལ་ལྔ་པའི་ཞལ་གསུངས་བྱིན་ཅན་བཀྲིས་བརྒྱད་པ་བཞུགས།

རྫ་རྒྱལ། 满愿贤瓶乐园 2022-12-09

རྫ་རྒྱལ་སྒྲ་མཛོད་འཕྲིན་སྟེགས།扎嘉音仓平台

རྫ་རྒྱལ་མཚམས་སྤྲུལ་རིན་པོ་ཆེ།

苍巴法王

རྫ་མཚམས་སྤྲུལ་ཨོ་རྒྱན་མགོན་པོའི་ཞབས་བརྟན་བདེན་ཚིག་གྲུབ་སྨོན།

ངོ་བོ་ཀ་དག་རང་བཞིན་འགགས་པ་མེད།།  

ཐུགས་རྗེ་སྤྲུལ་བསྒྱུར་གདུལ་བྱའི་དཔལ་ཤར་བ།།  

སྙིང་རྗེས་བདག་ཉིད་ཨོ་རྒྱན་མཚན་ཅན་དེས།།  

ཞབས་ཟུང་གཡོ་མེད་མི་འཇིགས་གདོང་ལྔའི་ཁྲིར།།  

འཚེ་མེད་སྲིད་མཐའི་བར་དུ་བརྟན་གྱུར་ནས།།  

ཐུགས་བཞེད་གེཊ་མེད་འགྲུབ་པའི་མཐུན་སྦྱོར་དེས།།  

ལྷག་པའི་ལྷ་མཆོག་ཕྱག་ན་པདྨོ་དང།།  

རྗེ་བཙུན་ཨརྱ་ཏཱ་རེས་དུས་ཀུན་སྐྱོངས།།  

མགོན་ཁྱེད་དག་དང་མ་དག་ཞིང་རྣམས་སུ།།  

སྣ་ཚོགས་གདུལ་བྱེས་རེ་བ་བསྐང་ཕྱིར་དུ།།  

ཐེག་མཆོག་བདུད་རྩིའི་གྲུ་ཆར་འཇོ་བ་ཡིས།།  

མཛད་འཕྲིན་མི་ནུབ་རྟག་བསྟན་བཀྲ་ཤིས་ཤོག།    

ཅེས་པ་འདི་ནི་རྫ་རྒྱལ་དགོན་གྱི་འཇུ་བླ་བསོད་དར་རྒྱས་གྱིས་བསྐུལ་ངོར་མེ་བྱ་ལོའི་ས་ག་ཟླ་བའི་ཚེས་བཅུའི་ཉིནབླལ་མ་མཆོག་གསུམ་ལ་གསོལ་བ་བཏབ་ནས་བྲིས་པ་འདི་ཡིས་དཔལ་ལྡན་བླ་མ་༧མཚམས་སྤྲུལ་ཨོ་རྒྱན་མགོན་པོ་ཞབས་པད་བསྐལ་བརྒྱར་བརྟན་ཞིང་མཛད་འཕྲིན་མཁའ་ཁྱབ་ཏུ་དར་བའི་སྨོན་མདུན་བཅས་དགེ་མང་རྒན་བུ་པདྨ་དབང་རྒྱལ་དེས་གསོལ་བ་བཏབ་པ་དགེ་ཞིང་བཀྲ་ཤེས་པར་གྱུར་ཅིག།

དགེ་མང་མཁན་ཆེན་པདྨ་དབང་གི་རྒྱལ་པོ་མཆོག

    ▼རྫ་རྒྱལ་སྒྲ་མཛོད་འཕྲིན་སྟེགས།
把时间交给阅读

您可能也对以下帖子感兴趣

文章有问题?点此查看未经处理的缓存