查看原文
其他

年措故事|乖宝宝也是会打小报告的哦!༈ ཁྲུང་ཁྲུང་གིས་གཏུག་བཤེར་རྒྱག་པ།

年措 年保玉则生态环境保护协会 2020-02-24

རྨ་ཆུའི་འབྲོག་པ་ཁྱིམ་ཚང་ཞིག་གི་ཉེ་འདབས་སུ་ན་བ་ལེགས་པོ་ཞིག་ཡོད་ལ། དེ་རུ་ལོ་རྟག་པར་ཁྲུང་ཁྲུང་ཟུང་གིས་ཕྲུ་གུ་འཇོག་གིན་ཡོད།ཁྲུང་ཁྲུང་གཉིས་ཀ་ཁོ་ཚང་གི་སྦྲའི་ཉེ་འགྲམ་དང་མཁོང་ནང་སོགས་སུ་འོང་སྟེ་ཁ་ཟས་འཚོལ་གྱིན་ཡོད་པ་སོགས་མི་ལ་དོགས་འདྲོག་རྩ་བ་ནས་མི་བྱེད་པར་མ་ཟད། སྒོ་ཁྱིས་ཀྱང་ངོ་ཤེས་དང་ཁྱིམ་མི་ནང་བཞིན་ཁྲུང་ཁྲུང་ལ་ཉམས་འཇོག་གང་ཡང་མི་བྱེད། ཁྲུང་ཕྲུག་གནོད་པ་བྱེད་མཁན་ཡང་སྤྱང་ཀི་དང་ཝ་སོགས་ལས་གཞན་པ་ཅི་ཡང་མེད།གལ་ཏེ་སྤྱང་ཀི་ཁོའི་ཕྲུ་གུའི་འགྲམ་དུ་འོང་ན་ལམ་སང་སྐད་ཆེན་པོ་འདོན་ཏེ་སྤྱང་ཀི་ཕར་སྐྲོད་ཐབས་ལ་འབད་ཀྱིན་ཡོད་ལ། ཡང་ན་ཕྲུ་གུ་ཁྲིད་དེ་རྟ་ཁྱུའི་ཁྲོད་དུ་འགྲོ་ཞིང་། ཕྲུ་གུ་རྟ་ཡི་སྦོ་ཞབས་སུ་ཕྲུ་གུ་སྦ་སྐོང་བྱེད་པ་རེད།ཁྱུ་གཡག་དང་རྟ་གསེབ་ཀྱིས་སྤྱང་ཀི་འགོག་རྒོལ་དང་མཐར་སྐྲོད་བྱེད་ཐུབ་པ་ཁྲུང་ཁྲུང་གིས་ཀྱང་ཤེས་ཀྱིན་ཡོད་པ་འདྲ།ཁོ་ཚང་གི་རུ་སྟོན་སར་ལོག་སྐབས་ཁྲུང་ཁྲུང་གིས་ཀྱང་ཁྲུང་ཕྲུག་ཁྲིད་དེ་ཁོ་ཚང་གི་རུ་གཞུག་འཐེན་ཏེ་སྟོན་སར་ལོག་གིན་ཡོད།དེ་ནི་ཕལ་ཆེར་བདེ་འཇགས་ཀྱི་ཕྱིར་དུ་རེད།ཉིན་ཞིག་གི་ཉིན་གུང་ཙམ་ལ་གློ་བུར་དུ་སྦྲ་འདབས་ནས་ཁྲུང་ཁྲུང་ཞིག་གིས་བར་མཚམས་མེད་པར་སྐད་འབོད་དྲག་པོ་རྒྱག་གིན་འདུག།  



ཁྱིམ་བདག་མ་སྒོར་བུད་དེ་བལྟས་པས་ཁྲུང་ཁྲུང་ཞིག་ཁོའི་འགྲམ་དུ་འོང་སྟེ་ཅི་ཞིག་གི་བརྡ་བསྟན་ཞིང་གྲག་གིན་གྲག་གིན་ཁྲུང་ཚང་གི་ཕྱོགས་སུ་འཕུར་སོང་།  ཁྱིམ་བདག་གིས་ཁྲུང་ཚང་ལ་དོན་དག་ཅིག་བྱུང་ཡོད་པར་གོ་སྟེ་ལམ་སང་རྟ་ཞོན་ནས་ཁྲུང་ཚང་ལ་ལྟ་བར་ཕྱིན་པས།  ཁྲུང་ཕྲུག་འཕུར་མ་ལྷབ་ཅིག་ཡོད་པ་ཁོ་ཚང་གི་བྱིས་པ་དང་ཁྱིམ་མཚེས་ཀྱི་བྱིས་པ་ཁ་ཤས་ཀྱིས་བཟུང་སྟེ་རྩེད་མོ་རྩེ་བཞིན་ཡོད་པ་དང་།ཁྲུང་ཁྲུང་ཕ་མ་གཉིས་ཀྱིས་བྱིས་པ་ཚོས་འགྲམ་ནས་ངར་སྐད་མཚམས་མེད་དུ་རྒྱག་གིན་ཡོད་པ་མཐོང་སོང་།དེ་ནས་ཁོས་ལམ་སང་བྱིས་པ་ཚོའི་ལག་ནས་ཁྲུང་ཕྲུག་བླངས་ཤིང་བྱིས་པ་རྣམས་བདས་པས།ཁྲུང་ཁྲུང་ཕ་མ་གཉིས་ཁོའི་གམ་དུ་འོང་སྟེ་ཁྲུང་ཕྲུག་ཁྲིད་དེ་ན་འདམ་གྱི་ནང་དུ་ལོག་སོང་།དེ་ལྟར་བྱིས་པས་ཁྲུང་ཕྲུག་ལ་གནོད་པ་བཏང་ན་ཁྲུང་ཁྲུང་གིས་ཁྱིམ་བདག་ལ་གཏུག་བཤེར་རྒྱག་ཤེས་ཤིང་། 

绘画/扎西桑俄  黑颈鹤找牧民“打小报告”~


དེར་མ་ཟད་ཕོ་རོག་གིས་ཀྱང་ཞུ་གཏུག་རྒྱག་ཤེས་པ་རེད།  


在甘肃的玛曲县有一片美丽的湿地,旁边住着一户牧民。每年夏天,都会有两只黑颈鹤来到这片湿地繁育小鸟。


渐渐的,黑颈鹤与这户牧民熟悉起来,时常走近牧民家,在帐篷四周找食物,并不怕家里的人和狗。黑颈鹤和家里的牲畜相处得也很好,会带着幼鸟去牛圈、马群里走一走,尤其喜欢在一只大马的身旁活动,马吃草,黑颈鹤就坐在下面。



一群牦牛里总有一头很厉害的公牦牛,一群马里也有这样一匹非常强壮的马,它们不仅不怕狼,甚至还能赶走狼!不知为何,黑颈鹤竟能认出有着这般“神力”的马! 当黑颈鹤的天敌——狼和狐狸出现时,小鹤们也会立刻躲到大马的身下,让大马赶走天敌。 



当这家牧民转场去秋季牧场的时候,这两只黑颈鹤有时也会带着小鹤和他们一起去秋季牧场生活,等到小鸟能飞时再迁往南方。


有一天,这家牧民在吃午饭,突然听到外面有一只黑颈鹤不停地大叫。女主人走出帐篷,看到帐篷外站着一只黑颈鹤。男主人也出来了,他想到黑颈鹤也许遇到了困难,于是他便骑上马去湿地里查看了黑颈鹤的窝。


这片湿地是冲冲的栖息地,不要打扰到它们哦~


这时他才发现,原来,他们家的孩子和小伙伴们去湿地里抓了黑颈鹤的幼鸟来玩,黑颈鹤不高兴了,就去叫来了孩子的父母。 男主人教育了孩子,把小鸟放回了湿地,黑颈鹤一家这才又回到湿地里去了。


不仅是黑颈鹤会告状,渡鸦也会呢!当有小孩子伤害渡鸦的时候,渡鸦也会跑去告诉大人呢!


所以,你们有被鸟儿们“打小报告”吗?


我在年保玉则,静静地和你诉说我的故事


འབྱུང་ཁུངས། དམངས་ཁྲོད་ངག་རྒྱུན་གཏམ་རྒྱུད།བསྡུ་མཁན། འཇུ་བཀྲ་ཤིས་བཟང་པོ། 

ཕབ་སྒྱུར་པ། ཨེ་མ།  རྩོམ་སྒྲིག་པ། ཧྲེང་བྱེ། ཧྥོང་བཡིས་ཐོང་། 

来源/民间传说故事   收集/扎西桑俄

转录/Emma   编辑/商雪、凤羽桐


往期精彩内容

年措故事|你不知道的黑颈鹤——黑颈鹤与蝙蝠的奇妙缘分

维儿巴:自然保护的边缘行者

全民在吸这只大猫,TA的邻居竟然这么想!

北京分享会 | 你不知道的年保玉则

བཤེར་རིས་འདི་བརྒྱུད་དེ་གཉན་ཚོགས་ཀྱི་ཕྲིན་སྟེགས་ལ་དོ་ཁུར་གནང་རོགས།།

想了解更多年措故事,

欢迎扫码关注公众号哦~


    您可能也对以下帖子感兴趣

    文章有问题?点此查看未经处理的缓存