查看原文
其他

དེ་རང་ནི་དུས་ཆེན་སུམ་འཛོམས་ཡིན། མཛད་བཅུ་འདི་གང་མང་བཏོན།

རྫ་རྒྱལ། 满愿贤瓶乐园 2022-12-09
རྫ་རྒྱལ་སྒྲ་མཛོད་འཕྲིན་སྟེགས།扎嘉音仓平台

ཤཱཀྱ་ཐུབ་པའི་མཛད་བཅུའི་བསྟོད་པ་བཞུགས་སོ།།

ཞལ་འདོན་པ།

བྱང་ཆུབ་སྤྱོད་བཟང་།

  ཐབས་མཁས་ཐུགས་རྗེས་ཤཱཀྱའི་རིགས་སུ་འཁྲུངས། །

   གཞན་གྱིས་མི་ཐུབ་བདུད་ཀྱི་དཔུང་འཇོམས་པ། །

   གསེར་གྱི་ལྷུན་པོ་ལྟ་བུར་བརྗིད་པའི་སྐུ། །

  ཤཱཀྱའི་རྒྱལ་པོ་ཁྱོད་ལ་ཕྱག་འཚལ་ལོ། །

གང་གིས་དང་པོར་བྱང་ཆུབ་ཐུགས་བསྐྱེད་ནས། །

བསོད་ནམས་ཡེ་ཤེས་ཚོགས་གཉིས་རྫོགས་མཛད་ཅིང་། །

དུས་འདིར་མཛད་པ་རྒྱ་ཆེན་འགྲོ་བ་ཡི། །

མགོན་འགྱུར་ཁྱོད་ལ་བདག་གིས་བསྟོད་པར་བགྱི། །

ལྷ་རྣམས་དོན་མཛད་འདུལ་བའི་བའི་དུས་མཁྱེན་ནས། །

ལྷ་ལས་བབས་ནས་གླང་ཆེན་ལྟར་གཤེགས་ཤིང་། །

རིགས་ལ་གཟིམས་ནས་ལྷ་མོའི་སྒྱུ་འཕྲུལ་གྱི། །

ལྷུམས་སུ་ཞུགས་པར་མཛད་ལ་ཕྱག་འཚལ་ལོ། །

ཟླ་བ་བཅུ་རྫོགས་ཤཱཀྱའི་སྲས་པོ་ནི། །

བཀྲ་ཤིས་ལུམྦིའི་ཚལ་དུ་བལྟམས་པའི་ཚེ། །

ཚངས་དང་བརྒྱ་བྱིན་གྱིས་བསྟོད་མཚན་མཆོག་ནི། །

བྱང་ཆུབ་རིགས་སུ་ངེས་མཛད་ཕྱག་འཚལ་ལོ། ། 

གཞོན་ནུ་སྟོབས་ལྡན་མི་ཡི་སེང་གེ་དེས། །

ཨཾ་ག་མ་ག་རྡར་ནི་སྒྱུ་རྩལ་བསྟན། །

སྐྱེ་བོ་དྲེགས་པ་ཅན་རྣམས་ཚར་བཅད་ནས། །

འགྲན་ཟླ་མེད་པར་མཛད་ལ་ཕྱག་འཚལ་ལོ། །

འཇིག་རྟེན་ཆོས་དང་མཐུན་པར་བྱ་བ་དང་། །

ཁ་ན་མ་ཐོ་སྤང་ཕྱིར་བཙུན་མོ་ཡི། །

འཁོར་དང་ལྡན་མཛད་ཐབས་ལ་མཁས་པ་ཡི། །

རྒྱལ་སྲིད་སྐྱོང་བར་མཛད་ལ་ཕྱག་འཚལ་ལོ། །

འཁོར་བའི་བྱ་བ་སྙིང་པོ་མེད་གཟིགས་ནས། །

ཁྱིམ་ནས་བྱུང་སྟེ་མཁའ་ལ་གཤེགས་ནས་ཀྱང་། །

མཆོད་རྟེན་རྣམ་དག་དྲུང་དུ་ཉིད་ལ་ཉིད། །

རབ་ཏུ་བྱུང་བར་མཛད་ལ་ཕྱག་འཚལ་ལོ། །


བརྩོན་པས་བྱང་ཆུབ་བསྒྲུབ་པར་དགོངས་ནས་ནི། །

ནཻ་རཉྫ་ནའི་འགྲམ་དུ་ལོ་དྲུག་ཏུ། །

དཀའ་བ་སྤྱད་མཛད་བརྩོན་འགྲུས་མཐར་ཕྱིན་པས། །

བསམ་གཏན་མཆོག་བརྙེས་མཛད་ལ་ཕྱག་འཚལ་ལོ། །

ཐོག་མ་མེད་ནས་འབད་པ་དོན་ཡོད་ཕྱིར། །

མ་ག་དྷ་ཡི་བྱང་ཆུབ་ཤིང་དྲུང་དུ། །

སྐྱིལ་ཀྲུང་མི་གཡོ་མངོན་པར་སངས་རྒྱས་ནས། །

བྱང་ཆུབ་རྫོགས་པར་མཛད་ལ་ཕྱག་འཚལ་ལོ། །

ཐུགས་རྗེས་འགྲོ་ལ་མྱུར་དུ་གཟིགས་ནས་ནི། །

ཝཱ་རཱ་ཎཱ་སཱི་ལ་སོགས་གནས་མཆོག་ཏུ། །

ཆོས་ཀྱི་འཁོར་ལོ་བསྐོར་ནས་གདུལ་བྱ་རྣམས། །

ཐེག་པ་གསུམ་ལ་འགོད་མཛད་ཕྱག་འཚལ་ལོ། །

གཞན་གྱི་རྒོལ་བ་ངན་པ་ཚར་བཅད་ཕྱིར། །

མུ་སྟེགས་སྟོན་པ་དྲུག་དང་ལྷ་སྦྱིན་སོགས། །

འཁོར་མོ་འཇིག་གི་ཡུལ་དུ་བདུད་རྣམས་བཏུལ། །

ཐུབ་པ་གཡུལ་ལས་རྒྱལ་ལ་ཕྱག་འཚལ་ལོ། །

སྲིད་པ་གསུམ་ན་དཔེ་མེད་ཡོན་ཏན་གྱིས། །

མཉན་དུ་ཡོད་པར་ཆོ་འཕྲུལ་ཆེན་པོ་བསྟན། །

ལྷ་མི་འགྲོ་བ་ཀུན་གྱིས་རབ་མཆོད་པ། །

བསྟན་པ་རྒྱས་པར་མཛད་ལ་ཕྱག་འཚལ་ལོ། །

ལེ་ལོ་ཅན་རྣམས་མྱུར་དུ་བསྐུལ་བྱའི་ཕྱིར། །

རྩ་མཆོག་གྲོང་གི་ས་གཞི་གཙང་མ་རུ། །

འཆི་མེད་རྡོ་རྗེ་ལྟ་བུའི་སྐུ་གཤེགས་ནས། །

མྱ་ངན་འདའ་བར་མཛད་ལ་ཕྱག་འཚལ་ལོ། །

ཡང་དག་ཉིད་དུ་འཇིགས་པ་མེད་ཕྱིར་དང་། །

མ་འོང་སེམས་ཅན་བསོད་ནམས་ཐོབ་བྱའི་ཕྱིར། །

དེ་ཉིད་དུ་ནི་རིང་བསྲེལ་མང་སྤྲུལ་ནས། །

སྐུ་གདུང་ཆ་བརྒྱད་མཛད་ལ་ཕྱག་འཚལ་ལོ། ། 

འདི་ལྟར་བསྟན་པའི་བདག་པོ་བཅོམ་ལྡན་གྱི། །

མཛད་པའི་ཚུལ་ལ་མདོ་ཙམ་བསྟོད་པ་ཡི། །

དགེ་བས་འགྲོ་བ་ཀུན་གྱི་སྤྱོད་པ་ཡང་། །

བདེ་གཤེགས་ཁྱོད་ཀྱི་མཛད་དང་མཚུངས་པར་ཤོག །

གཏེར་སྲས་རྡོ་རྗེ་དགྲ་འདུལ་གྱི་ཟབ་གཏེར་གུ་རུའི་བཀའ་བསྡུས།

མཁན་ཆེན་༧ངག་དབང་དཔལ་བཟང་གིས་རྣམ་ཐར་སྒྲ་ཆ་ཚང་།

ལྔ་བའི་བ་བཞིས་ལོ་རྒྱུས།  ཨ་སྐྱབས་རྒྱལ་སྲས་ཚང་གིས་གསུང་།

དཔལ་སྤྲུལ་ནམ་མཁའ་འཇིགས་མེད་ཀྱི་ཟབ་གཏེར། ཡེ་ཤེས་ཐིག་ལེ་བཞི་བ།

 རྫ་རྒྱལ་མཁན་ཆེན་འབུམ་པ་རིན་པོ་ཆེས་བཀའ་སློབས།

རྫ་༧མཚམས་སྤྲུལ་རིན་པོ་ཆེས་ཞལ་གསུངས་བྱིན་ཅན

མཆོག་སྤྲུལ་ལུང་རྟོགས་རིན་པོ་ཆེས་ཞལ་གསུངས་གནང་བའི་གཡང་འགུཊ་སོགས།

ཕ་བུའི་བརྩེ་དུང་གི་གཏམ་རྒྱུད།རྩོམ་པ་པོ་དང་གྱེར་མཁན།ཚེ་རིང་སྐྱིད།

གཅོད་ཡུལ་མཁའ་འགྲོའི་གད་རྒྱངས་རྒྱས་ཁྲིད་སྒྲ་ཆ་ཚང་།

གེ་སར་གསོལ་མཆོད་གསོལ་ལོ་རིང་མོ་བཞུགས།

བློ་སྦྱོང་ཚིག་རྐང་བརྒྱད་མ་སྒྲ་ཆ་ཚང་། མཁན་ཚུལ་ཁྲིམས་བློ་གྲོས།

 བདེ་སྨོན་ཆོས་ཁྲིད་པདྨ་རཱ་གའི་ཕྲ་ཚོམ་འཆད་འཁྲིད་སྒྲ་ཆ་ཚང་།

སྙིང་གཏམ་སུམ་ཅུ་པ་སྒྲ་ཆ་ཚང་།

ཡུལ་མི་རྣམས་ལ་གཏམ་དུ་བྱ་བ་སྒྲ་ཆ་ཚང་།

སློབ་དཔོན་པདྨ་འབྱུང་གནས་གྱི་རྣམ་ཐར་བཀའ་བསྡུས་ཕྱོགས་སྒྲིག

གཙུག་ལག་ཁང་དུ་ལྷམ་གྱོན་པའི་རྣམ་སྨིན། འདི་ལ་གཟབ་མོ་ཉོན།

རྫ་རྒྱལ་སྒྲ་མཛོད་འཕྲིན་སྟེགས་སུ་ཕེབས་པར་དགའ་བསུ་ཞུ།

您可能也对以下帖子感兴趣

文章有问题?点此查看未经处理的缓存