查看原文
其他

ཟབ་གཏེར་བསྟན་རྒྱས་སྨོན་ལམ་བཞུགས་སོ༔ ཞལ་འདོན་པ་པདྨ་རིག་འཛིན།

རྫ་རྒྱལ། 满愿贤瓶乐园 2022-12-09
རྫ་རྒྱལ་སྒྲ་མཛོད་འཕྲིན་སྟེགས།扎嘉音仓平台

ཟབ་གཏེར་བསྟན་རྒྱས་སྨོན་ལམ་འགྱུར་མེད་རྡོ་རྗེའི་སྒྲ་དབྱངས་བཞུགས་སོ༔

༧འཇིགས་མེད་ནམ་མཁའ་གླིང་པ་དང་སྔགས་སྐྱེས་ཏཱ་རེ་བདེ་ཆེན་ལྷ་མོ་ཟུང་གིས་མཛད།

ཨོཾ་སྭ་སྟི༔

ཕྱོགས་བཅུ་དུས་བཞིའི་རྒྱལ་དང་རྒྱལ་སྲས་དང་༔

མཆོག་གསུམ་རྩ་གསུམ་སྲུང་མའི་ཚོགས་རྣམས་དགོངས༔

རིགས་གསུམ་རྗེ་དང་ཨོ་རྒྱན་མཚོ་སྐྱེས་རྗེ༔

སྙིགས་དུས་འགྲོ་བའི་དཔལ་དུ་ལེགས་ཤར་བ༔


གཏེར་ཆེན་ཆོས་ཀྱི་རྒྱལ་པོ་རིན་པོ་ཆེ༔

རིག་འཛིན་ཆེན་པོ་འཛམ་གླིང་རྒྱན་མཆོག་རྩལ༔

གང་གི་ཟབ་གཏེར་ནམ་མཁའི་མཛོད་ཆེན་པོ༔

མི་ནུབ་སྲིད་མཐའི་བར་དུ་རྒྱས་གྱུར་ཅིག༔


རྒྱལ་དབང་མཚོ་སྐྱེས་བླ་མའི་ཐུགས་ཀྱི་བཅུད༔

རིག་འཛིན་ཌཱཀྐི་འབུམ་གྱི་སྙིང་གི་ཁྲག༔

སྙིགས་ལྔའི་སྣོད་བཅུད་རྒུད་སེལ་ནོར་བུའི་མཆོག༔

ཟབ་གཏེར་བསྟན་པ་དར་ཞིང་རྒྱས་གྱུར་ཅིག༔

ཕུན་ཚོགས་ལྔ་ལྡན་ཟབ་གཏེར་ཆོས་ཀྱི་མཛོད༔

བརྒྱུད་པ་དྲུག་ལྡན་དབང་གི་ཆུ་བོ་འདུས༔

བཀའ་གཏེར་དག་སྣང་འབུམ་གྱི་བཅུད་འདུས་པ༔

ཟབ་གཏེར་བསྟན་པ་དར་ཞིང་རྒྱས་གྱུར་ཅིག༔


ཐུན་མོང་ཞི་སོགས་རབ་འབྱམས་སྒྲུབ་པའི་ཐབས༔

སུས་བསྒྲུབ་བྱིན་རླབས་རྟགས་མཚན་མངོན་གྱུར་པས༔

རྒྱུད་ལུང་ཆོ་གའི་ཡན་ལག་ཆ་ཚང་བ༔

ཟབ་གཏེར་བསྟན་པ་དར་ཞིང་རྒྱས་གྱུར་ཅིག༔


རིང་བརྒྱུད་ཆོས་ཀྱི་ཆུ་བོའི་རྒྱུན་མ་ཆད༔

ཉེ་བརྒྱུད་ཡེ་གནས་ཆོས་སྐུ་མངོན་དུ་གྱུར༔

བྱིན་བརྒྱུད་དྲན་པའི་མོད་ལ་དངོས་གྲུབ་ཐོབ༔

ཟབ་གཏེར་བསྟན་པ་དར་ཞིང་རྒྱས་གྱུར་ཅིག༔


ཐེག་རིམ་དགུ་ཡི་གནད་ཀུན་ཡོངས་ཚང་ཞིང་༔

མཆོག་དམན་དབང་པོའི་བློ་དང་འཚམ་པའི་ཆོས༔

དོན་ཟབ་ཚིག་སྙན་རང་བྱུང་རྡོ་རྗེའི་གསུངས༔

ཟབ་གཏེར་བསྟན་པ་དར་ཞིང་རྒྱས་གྱུར་ཅིག༔


བསྒྲིགས་རྩོམ་རང་བཟོས་དྲི་མ་དང་བྲལ་ཞིང་༔

སྔོན་སྨོན་གཏད་རྒྱ་དུས་བབས་ཟབ་པའི་བཅུད༔

དགོངས་པ་ཀློང་རྡོལ་བརྡ་ཚིག་བློ་ལས་འདས༔

ཟབ་གཏེར་བསྟན་པ་དར་ཞིང་རྒྱས་གྱུར་ཅིག༔

དག་རྫོགས་སྨིན་གསུམ་ཤར་བའི་གདམས་ཟབ་ཀྱི༔

བརྟན་གཡོ་གསང་གསུམ་དཀྱིལ་འཁོར་གཅིག་ཏུ་རྫོགས༔

ཟབ་མོ་ནང་རྒྱུད་སྡེ་གསུམ་དགོངས་པའི་བཅུད༔

ཟབ་གཏེར་བསྟན་པ་དར་ཞིང་རྒྱས་གྱུར་ཅིག༔


དགེ་སྡིག་བཟང་ངན་ལས་འདས་ལྟ་བ་དང་༔

གཏད་མེད་བློ་འདས་ཟང་ཐལ་བསྒོམ་པའི་གནད༔

རང་གྲོལ་སྤྱོད་པ་ཀ་དག་ཁྲེགས་ཆོད་ཀྱི༔

ཟབ་གཏེར་བསྟན་པ་དར་ཞིང་རྒྱས་གྱུར་ཅིག༔

སྒྲོན་མ་དྲུག་གི་གནད་གསང་ལ་བརྟེན་ནས༔

འོད་གསལ་སྣང་བཞིའི་རྟག་ཚད་མཐར་ཕྱིན་ཏེ༔

འཇའ་ལུས་མངོན་གྱུར་ཐོད་རྒལ་ལམ་གྱི་མཆོག༔

ཟབ་གཏེར་བསྟན་པ་དར་ཞིང་རྒྱས་གྱུར་ཅིག༔


བཀའ་དྲིན་མཚུངས་བྲལ་དཔལ་ལྡན་བླ་མ་དང་༔

བསྟན་འཛིན་ཞབས་བརྟན་མཛད་ཕྲིན་དར་ཞིང་རྒྱས༔

དགེ་འདུན་ཐུགས་མཐུན་ཁྲིམས་གཙང་དཔལ་གྱིས་འཚོ༔

ཁམས་གསུམ་འཁོར་བ་དོང་སྤྲུགས་དཔལ་ཐོབ་ཤོག༔


མཆོག་གསུམ་རྩ་གསུམ་སྲུང་མའི་བྱིན་རླབས་དང་༔

བདེན་གཉིས་བསླུ་བ་མེད་པའི་བདེན་སྟོབས་དང་༔

བདག་ཅག་ལྷག་བསམ་རྣམ་པར་དཀར་བའི་མཐུས༔

སྨོན་དོན་གེགས་མེད་མྱུར་དུ་འགྲུབ་གྱུར་ཅིག༔

ཅེས་པའང་གདུང་སྲས་མཆོག་སྤྲུལ་བི་མ་དང་༔

སློབ་མཆོག་དད་བརྩོན་ལྡན་པ་མཆོག་གྲུབ་རྡོ་རྗེ་སོགས་ཀྱིས་བཀྲ་ཤིས་པའི་དངོས་རྫས་ཀྱི་སྐྱེས་བཅས་ཡང་ཡང་བསྐུལ་བ་དང་༔ སྤྲུལ་མིང་ཕྲན་ཡང་སྐྱབས་རྗེ་རིན་པོ་ཆེ་མཆོག་གི་ཆོས་བདག་ཏུ་རྡོ་རྗེའི་ལུང་གིས་བསྔགས་པ་དོན་ལྡན་འགྱུར་ཕྱིར་སློབ་བུ་ཡོངས་ཀྱི་ཐ་ཤལ་བ་འཇིགས་མེད་ནམ་མཁའ་གླིང་པ་དང་སྔགས་སྐྱེས་ཏཱ་རེ་བདེ་ཆེན་ལྷ་མོ་ཟུང་གིས་ཟླ་ཚེས་བཟང་པོར་རིག་འཛིན་དགའ་ཚལ་དུ་བྲིས་པ་དགེ༔

སྐྱབས་རྗེ་མཁན་ཆེན་པདྨ་དབང་རྒྱལ་ཀྱིས་ཞལ་གསུང་འཕོ་བ།

གཏེར་སྲས་རྡོ་རྗེ་དགྲ་འདུལ་གྱི་ཟབ་གཏེར་གུ་རུའི་བཀའ་བསྡུས།

མཁན་ཆེན་༧ངག་དབང་དཔལ་བཟང་གིས་རྣམ་ཐར་སྒྲ་ཆ་ཚང་།

ལྔ་བའི་བ་བཞིས་ལོ་རྒྱུས།  ཨ་སྐྱབས་རྒྱལ་སྲས་ཚང་གིས་གསུང་།

སྙིགས་མའི་དུས་གསོལ་འདེབས་འདི་ལས་མི་ཟློག་པ་རྐྱེན་ངན་གང་ཡང་མེད།

དཔལ་སྤྲུལ་ནམ་མཁའ་འཇིགས་མེད་ཀྱི་ཟབ་གཏེར། ཡེ་ཤེས་ཐིག་ལེ་བཞི་བ།

རྫ་རྒྱལ་མཁན་ཆེན་འབུམ་པ་རིན་པོ་ཆེས་བཀའ་སློབས།

བླ་མ་རྒྱང་འབོད་མགུར། ༧ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུས་མཛད།

རྫ་༧མཚམས་སྤྲུལ་རིན་པོ་ཆེས་ཞལ་གསུངས་བྱིན་ཅན

མཆོག་སྤྲུལ་ལུང་རྟོགས་རིན་པོ་ཆེས་ཞལ་གསུངས་གནང་བའི་གཡང་འགུཊ་སོགས།

ཕ་བུའི་བརྩེ་དུང་གི་གཏམ་རྒྱུད།རྩོམ་པ་པོ་དང་གྱེར་མཁན།ཚེ་རིང་སྐྱིད།

གཅོད་ཡུལ་མཁའ་འགྲོའི་གད་རྒྱངས་རྒྱས་ཁྲིད་སྒྲ་ཆ་ཚང་།

གེ་སར་གསོལ་མཆོད་གསོལ་ལོ་རིང་མོ་བཞུགས།

དཀོན་མཆོག་རྗེས་སུ་དྲན་པའི་མདོ།

བློ་སྦྱོང་ཚིག་རྐང་བརྒྱད་མ་སྒྲ་ཆ་ཚང་། མཁན་ཚུལ་ཁྲིམས་བློ་གྲོས།

 བདེ་སྨོན་ཆོས་ཁྲིད་པདྨ་རཱ་གའི་ཕྲ་ཚོམ་འཆད་འཁྲིད་སྒྲ་ཆ་ཚང་།

སྟོན་པའི་མཛད་བཅུ་བཞུགས།

སྙིང་གཏམ་སུམ་ཅུ་པ་སྒྲ་ཆ་ཚང་།

ཡུལ་མི་རྣམས་ལ་གཏམ་དུ་བྱ་བ་སྒྲ་ཆ་ཚང་།

བུ་ཕྲུག་ཚོས་ཕ་མ་ལ་དྲིན་ལོག་མ་བྱེད་རོགས།

སློབ་དཔོན་པདྨ་འབྱུང་གནས་གྱི་རྣམ་ཐར་བཀའ་བསྡུས་ཕྱོགས་སྒྲིག

གཙུག་ལག་ཁང་དུ་ལྷམ་གྱོན་པའི་རྣམ་སྨིན། འདི་ལ་གཟབ་མོ་ཉོན།

རྫ་རྒྱལ་སྒྲ་མཛོད་འཕྲིན་སྟེགས་སུ་ཕེབས་པར་དགའ་བསུ་ཞུ།

您可能也对以下帖子感兴趣

文章有问题?点此查看未经处理的缓存