查看原文
其他

ངན་ལམ་རྒྱལ་བ་མཆོག་དབྱངས།

ཕེབས། 👉 Qiu1980 2022-12-09


ངན་ལམ་རྒྱལ་བ་མཆོག་དབྱངས།

 སྔ་འགྱུར་གྱི་ལོ་ཙཱ་བ་གྲགས་ཅན་ཞིག་ཡིན། རྗེ་འབངས་ཉེར་ལྔ་དང་། སད་མི་བདུན་གྱི་གྲས་སུའང་གཏོགས། ཕྱི་ལོའི་དུས་རབས་བརྒྱད་པའི་དུས་སྟོད་དུ་དབུ་རུ་འཕན་ཡུལ་དུ་སྐུ་འཁྲུངས། རུས་ངན་ལམ་ཡིན། ཤིང་མོ་ཡོས་ཕྱི་ལོ་ ༧༧༥ ལོར་མཁན་པོ་བོ་དྷི་སཏྟྭ་ལས་རབ་ཏུ་བྱུང་། སྐུ་ཤིན་ཏུ་བཙུན་པར་གྲགས་ཏེ། སྦ་བཞེད་ཀྱི་ལོ་རྒྱུས་ལས་རབ་ཀྱི་མི་དགུ་འདྲེན་པ་ན། བཙུན་པའི་རབ་ནི་ངན་ལམ་ལྷ་ལུང་གཉིས། །ཞེས་འབྱུང་། སློབ་དཔོན་པདྨ་འབྱུང་གནས་ཀྱིས་སྒྲུབ་ཆེན་བཀའ་བརྒྱད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་པས། པདྨ་གསུང་གི་བཀའ་བབ་ཅིང་། 

ཡི་དམ་རྟ་མགྲིན་ལ་བཅོལ་ནས་དབེན་རྩར་སྒྲུབ་པ་མཛད་པས་ཡུལ་གསུམ་གྱད་དུ་གྱུར་ཏེ་དབུ་གཙུག་ནས་རྟ་མགོ་ཐོན་ཞིང་རྟ་སྐད་འཚེར་བ་བྱུང་། ཚེ་ཡི་རིག་འཛིན་བརྙེས་པས་མངའ་བདག་དཔལ་འཁོར་བཙན་གྱི་དུས། རྨ་བན་བྱང་ཆུབ་བློ་གྲོས་སྟོད་དུ་འབྲོ་རྣམས་ཀྱིས་མི་ཤ་ལ་བཀུམས་པ་རྒྱལ་པོར་སྐྱེས་ཏེ་མངའ་བདག་ལ་གནོད་པ་ལ། རྒྱལ་བ་མཆོག་དབྱངས་ཀྱིས་རྒྱལ་པོ་རྩེ་མདོས་མཛད་ནས་བཙན་པོ་སྙུངས་ལས་གྲོལ་བར་མཛད། མདོས་དེའི་སྨྲེང་མཁར་ཆུར་གཏེར་དུ་སྦས་པ་ཕྱིས་སུ་ཁམས་པ་དར་བེར་ཅན་གྱིས་བཏོན་པར་གྲགས། ལོ་ཙཱ་བ་འདིའི་འགྱུར་ཆོས་ལ། རྙིང་མའི་རྒྱུད་འབུམ་ནང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དགོངས་པ་ལུང་བསྟན་པ་དང་། རྣལ་འབྱོར་འདུས་པའི་རྒྱུད་དང་། དཔལ་རྟ་མགྲིན་གྱི་ལས་རྒྱུད་དང་། བསྟན་འགྱུར་ནང་། འཕགས་པ་འཇིག་རྟེན་དབང་ཕྱུག་གི་ཡི་གེ་དྲུག་པའི་སྒྲུབ་ཐབས་ཡིད་བཞིན་ནོར་བུ་བཅས་བཞུགས། 



            ཁ་བྱང་ལྟར་ནང་དོན་རེ་རེ་བཞིན་གཟིགས་ཐུབ།





、、、、、、





འདི་ནས་ལན་གཅིག་གནོན་རོགས།👇    

您可能也对以下帖子感兴趣

文章有问题?点此查看未经处理的缓存